Saturday, November 2, 2019

རྨི་ལམ་ཁྲ་ཁྲ།







































རྨི་ལམ་ཁྲ་ཁྲ།

རོལ་དབྱངས་དེ་འཁྲོལ་ཤོག་དང་།།
རྨ་ཁ་དེ་དྲུབས་ནས་ཡོང་།།
ཁ་དོག་དེར་འཇུས་ཤོག་དང་།།
སང་ཉིན་གྱི་འཇའ་ཚོན་ཡིན།།

རྨི་ལམ་འདི་སློས་ཤིག་དང་།
སྐར་མདའ་ཡང་ལྷུང་ནས་སྲིད།།
དྲི་བསུང་འདི་རྔུབས་ཤིག་དང་།།
སྐྲ་ལོ་ཡང་གནག་ཅིང་སྣུམ།།

དོན་སྙིང་དེ་ཕྱུངས་ཤིག་དང་།།
ཁྲག་རལ་གྱི་མཛེས་པ་རེད།
ཟུར་མིག་དེར་གཡོལ་ཞིག་དང་།།
ལག་སོར་གྱི་སེན་རྗེས་རེད།།

སྣ་བུག་འདི་ཁོབ་ཅིག་དང་།།
གྱ་གྱུ་ཡི་སྣང་བ་ཡལ།།
དགུ་ཚིགས་དེ་ཕུད་ཞོག་དང་།།
ཐོ་རེངས་ཀྱི་སྐར་ཆེན་རེད།།

2019











1 comment: