Wednesday, December 26, 2018


སྟོང་པ་ཉིད་ཀྱི་ལོ་ཟླ།

ཤོག་བུ་དཀར་ངོགས་ངོས་ཀྱི་ཡིག་འབྲུ་དག།།
ཟོ་ལྟ་བཟོ་བའི་ངལ་དུབ་བརྩེགས་ན་ཡང་།།
ཐ་མའི་སྡོམ་ཚིག་མེད་པའི་རྩིས་ཁྲ་འདི།།
ང་རང་ཐུར་དུ་དུད་པའི་ཐན་ལྟས་ཤིག།།

ལ་མོའི་རྒྱབ་ཀྱི་ངོ་གདོང་སྨུག་པོ་ཞིག།།
དྲན་པར་བང་རིམ་བརྩེགས་པའི་མཐུག་ཚད་དེ།།
སང་གི་རྨི་ལམ་འཚོལ་བའི་གཏམ་རྒྱུད་ལས།།
ཕྲག་པར་ནོན་པའི་ཁུར་པོ་ལྗེ་ལྕི་རེད།།

རྒྱུགས་དང་སྐར་གྱི་རྩེད་མོ་རྩེ་སྟངས་ལས།།
སང་ཉིན་ཞོགས་ཀའི་སྒོ་མོ་སྡོམས་སྟངས་དེ།།
སྙན་ངག་ངུ་རུ་འཇུག་པའི་གཏུབ་གྲི་དག།།
སྟོང་པ་ཉིད་ཀྱི་ལོ་ཟླའི་ཆོ་འཕྲུལ་ཡིན།།
15/10/2017རེས་གཟའ་ཉི་མའི་ཞོགས་པར་བྲིས།




1 comment:

  1. ཐེངས་གཅིག་བཀླགས་ཡོད།

    ReplyDelete