Wednesday, December 26, 2018


དེ་རིང་གི་གནམ་ངོ་ངུ་བ།

ཨ་ནི་རྩེད་ཆས་དེ་ཚོ་ངུ་རུ་ཆུགས།།
གྲྭ་པ་མདོ་མེད་དེ་ཚོ་རུལ་དུ་ཆུགས།།
དམིགས་ཡུལ་མེད་པའི་རླུང་ཁའི་ཤོག་བུ་རེད།།
ང་ཡི་གད་མོ་དེ་ཚོས་མཐོང་མྱོང་མེད།།

ཞོགས་ཆར་དྲག་ཏུ་འབབ་པའི་དུས་སྐབས་འདིར།།
སྨྲ་བའི་གསང་ཚིག་རྣོན་པོའི་ཚིག་རིས་དག།།
གཤོངས་ཀྱི་ཆུ་བོ་བཞིན་དུ་བཞུར་ས་ཞིག།།
རྩིས་འཕྲུལ་ངོས་ཀྱི་ཡིག་ཚོགས་ཁོ་ན་ཙམ།།

དེབ་དང་སྨྱུ་གུའི་གྲོགས་པོ་སྨྱོན་པ་རེད།།
སྙན་ངག་ཤོག་ངོར་འབེབས་པ་ཁེར་རྐྱང་རེད།།
དཔེ་དེབ་ངོས་ཀྱི་བསམ་བློ་ལྟ་ལོག་རེད།།
དེ་རིང་གནམ་ངོ་ངུ་བ་ནོར་བ་རེད།།
16/March/2107 གནམ་ངོ་འཁྲིགས་ཤིང་ཞོགས་ཆར་ཤག་ཤག་འབབ་སྐབས་དང་བསྟུན་ནས་བྲིས་སོ།



No comments:

Post a Comment