Wednesday, December 26, 2018




དེང་སང་གྲྭ་བ་ཚོ་ནི་ཕྱུག་པོ་རེད།


རྐུད་པ་དཀར་ནག་སྦྲེལ་བའི་ཐ་གུ་ཕྲ་མོ་ཞིག་ནི་རྐང་པར་འཆིང་།།
སྐུད་པ་དམར་སེར་ཉིས་མདུད་དགུ་མདུད་བརྒྱབ་པ་ཞིག་ནི་ལག་པར་འཆིང་།།
སྐུད་པ་ཁྲ་ཁྲ་དམར་ཁྲའི་སྐེ་རགས་སྣ་ཚོགས་ཤིག་ནི་སྐེད་པར་འཆིང་།།
བལ་གྱི་བང་མཛོད་ཡིན་པའི་དེང་སང་གྲྭ་པ་ཚོ་ནི་ཕྱུག་པོ་རེད།།

ཐལ་སྒྲའི་ཁྲོད་ཀྱི་རྩོད་རའི་ནང་ན་མི་རེའི་ཁ་ནས་བུམ་པ་རེ།།
འཛིན་གྲྭ་མཐོ་བའི་མི་རེའི་སྐེད་པར་ལྡོ་བ་ལྡིར་བའི་བུམ་པ་རེེ།།
ཆོས་ཁྲིད་ནང་གི་དགེ་སློབ་སེམས་ན་མ་ཁྱབ་པ་ཡི་བུམ་པ་རེ།།
བུམ་པའི་དབྱིབས་གཟུགས་ཅན་གྱི་དེང་སང་གྲྭ་བ་ཚོ་ནི་ཕྱུག་པོ་རེད།།








No comments:

Post a Comment