Wednesday, December 26, 2018













བར་སྟོང་།

སྐུད་པའི་མདུད་པ་གྲིམ་པོ་ལྷོད་སྟངས་ལས།།
མི་ཚེ་ཐལ་སྟོང་ཡིན་པའི་ཨ་ལན་ཞིག།།
སེམས་པ་རྡོ་བ་ཅན་ཚོའི་རྣམ་འགྱུར་ལས།།
གྲྭ་ཤམ་ཙབ་རལ་སོང་བའི་སྟ་གོན་ཞིག།།

དམར་སེར་རས་གོས་རུལ་བའི་དད་པ་འདི།།
སྐྱི་ལྤགས་མཐུག་པོ་རྒོད་པའི་སྔ་ལྟས་ཡིན།།
མིག་ཆུས་མགྲིན་པ་བརྣངས་པའི་བརྡ་ལན་འདི།།
ནང་གི་གློ་སྙིང་ཁོལ་བའི་རླངས་གཟུགས་ཡིན།།

དུས་ཀྱི་བམ་པོ་བརྩེགས་པའི་ཁ་བྱང་ལ།།
ཆོས་དཔེ་རྙིང་དྲི་དྲོ་བའི་ཆམ་ནད་ཅིག།།
མདང་གི་རྨི་ལམ་ཀློག་པའི་ཡང་སྒྲ་ལ།།
ཁྱོར་བ་གཞན་ལ་འཛེད་པའི་ཆིངས་ཡིག་ཅིག།།
2018/01/02 ཉིན་དགོང་བྲིས།

No comments:

Post a Comment