Saturday, March 2, 2019














སེང་རས་ནག་པོའི་ཕག་གི་ཁ་ཆེའི་བུ་མོ།


རྟིང་པ་ཙོག་ཙོག་ཅན་གྱི་འཇུར་ཏ་ལ།།
ཕྲ་ལ་ལྡེམ་པའི་སྐེད་པ་འདྲོངས་པོ་ལ།།
འཕོངས་ཚོས་རྡོག་རྡོག་ཕྱི་རུ་འབུར་བ་ལ།།
སེང་རས་ནག་པོས་བསྒྲིབས་པ་མཛེས་སྡུག་ཅིག།

འཇམ་ཤ་དོད་པའི་ངོ་གདོང་འཇོང་པོ་ལ།།
གསང་བའི་གབ་ཚིག་རུམ་པའི་མིག་ཟུང་ལ།།
སྣ་ཁུག་ཡང་ཟོར་དོད་པའི་མཛེས་པ་ལ།།
གསེང་རས་ནག་པོས་བསྒྲིབས་པ་མཛེས་སྡུག་ཅིག།

སྨུག་མདོག་འོད་མདངས་འཁྱུག་པའི་སྐྲ་ལོ་ལ།།
མཉེན་ཞིང་འཇམ་པའི་དཔུང་པ་ཕྲ་མོ་ལ།།
མཁྲང་ཞིང་འབུར་ཟུགས་དོད་པའི་བྲང་ག་ལ།།
གསེང་རས་ནག་པོས་བསྒྲིབས་པ་མཛེས་སྡུག་ཅིག།

བ་སྤུ་སིབ་སིབ་སྐྱེས་པའི་ལུས་པོ་ལ།།
བརྩེ་བའི་གདུང་བ་རུམ་པའི་སེམས་པ་ལ།།
ལྷད་མེད་དྭངས་གཙང་ཁ་ཆེའི་བུ་མོ་ལ།།
སེང་རས་ནག་པོས་བསྒྲིབས་པ་མཛེས་སྡུག་ཅིག།

8/10/2016









No comments:

Post a Comment