Saturday, March 16, 2019




























རྨི་ལམ་ཁྲོད་ཀྱི།

དུས་ཀྱི་ཕར་སྣེ་ཞིག་གི་མགོ་བོ་ན།།
རྨི་ལམ་ཁྲ་ཁྲ་འདི་ཡི་ལག་རྟགས་ཡོད།།
སང་གི་ཉི་མར་འཇུས་པའི་སྐེ་ཐག་འདི།།
སྟོན་ཤོག་ཟེར་ན་རྨི་ལམ་རྨི་སྟངས་ཡིན།།

ཁོ་བོའི་གོམ་སྒྲས་ཁྱེད་ཚོ་དཀྲོགས་ཤོར་ན།།
མིག་གི་མཆི་མ་འཁྲུག་པའི་ལྔ་ལྟས་རེད།།
མགོ་བོ་གཏུན་ཤིང་བྱེད་པའི་ཟིན་བྲིས་འདི།།
ཁོང་གི་སྙིང་ག་གཤོག་པའི་གཏུབ་གྲི་ཡིན།།

དབྱངས་དང་རོལ་མོ་བསྡེབས་པའི་རྨི་ལམ་ན།།
ཐ་སྙད་གསར་པའི་རྡོག་སྒྲ་གྲག་ཡོང་ན།།
འཇིག་རྟེན་ཁམས་སུ་མེར་བའི་འོད་པོ་ཆེ།།
སྣང་བའི་བསླུ་བྲིད་འཆིང་བའི་སྐེད་ཐག་ཅིག།

ལྡོག་གཟུགས་ཕྱིར་ལ་འཕྲོས་པའི་གྲིབ་རིས་དེ།།
གངས་ཀྱི་རྒྱལ་མོའི་སུལ་ནས་མཆེད་ནའང་།།
འབྲོང་གི་ཐོད་རུས་ལྷུང་བའི་ཁུག་པ་ནས།།
ཨ་ལན་ཕྱི་རུ་སྒྲོག་པའི་ལྷ་སྒྲུང་ཙམ།།

3/16/2019





No comments:

Post a Comment