ང་སྙན་ངག་ལ་མི་དགའ།
དབྱངས་ཅན་མོའི་ཆགས་སྲེད་ཀྱི་འཁུན་སྒྲ།།
དབྱངས་ཅན་མོའི་འདོད་པ་ཡི་གཡའ་ཆུ།
དབྱངས་ཅན་མོའི་གསང་ལམ་གྱི་ཟླ་མཚན།།
དབྱངས་ཅན་མོའི་སྙན་ངག་ལ་མི་དགའ།།
དཎྡི་ཡི་འདོད་གཏམ་གྱི་གསང་བ།།
དཎྜི་ཡི་སྤྲང་འཁྱམས་ཀྱི་རང་རྣམ།།
དནྜི་ཡི་མེ་ལོང་གི་ཆག་རོ།།
དཎྜི་ཡི་སྙན་ངག་ལ་མི་དགའ།།
ཧེ་ཙི་[1]ཡི་ལྷ་སྒྲུང་གི་སྟོང་འདང་།།
ཧེ་ཙི་ཡི་སྐྲ་ལོ་དང་ཁ་སྤུ།།
ཧེ་ཙི་ཡི་སྐྱོ་གར་གྱི་འཁྲབ་སྟོན།།
ཧེ་ཙི་ཡི་སྙན་ངག་ལ་མི་དགའ།།
ཞག་ལི་[2]ཡི་དུག་ཆུ་ཡི་བཏུང་བ།།
ཞག་ལི་ཡི་མི་སྡུག་པའི་ངོ་གདོང་།།
ཞག་ལི་ཡི་སྤྲང་འཁྱམས་ཀྱི་ཉུལ་མ།།
ཞག་ལི་ཡི་སྙན་ངག་ལ་མི་དགའ།།
༢༠༡༩ སྤྱི་ཟླ་ ༧ ནང་ཆར་ཞོད་ཆེ་བའི་དུས་ཤིག་ལ་སོར་མོས་བཏགས་སོ།།
No comments:
Post a Comment