བལ་ཡུལ་བ། མིག་ཆུ་ཁྱོར་གང་།
མི་ཁའི་ཐང་མ་རྡལ་ཞིག་དང་།།
ཁམས་ཀྱི་ཆུ་བོ་བྲུག་ནས་ཐལ།།
ཁྱི་གུ་དམར་པོ་གློད་ཞོག་དང་།།
འཇུར་རྟའི་ཀྲད་པ་འཕྱར་ནས་གདའ།།
དྲ་མིག་སྒེའུ་ཁུང་ཕྱེས་ཤིག་དང་།།
རྡུལ་གྱི་འཚུབ་མ་ངུ་རེ་རན།།
ཐལ་སྐྱ་རླུང་ཁར་འཕྱོར་ཞོག་དང་།།
དགུན་གྱི་བ་མོ་རུབ་ནས་ཡོང་།།
དར་སྲིན་སྐུད་པ་སྐྱུགས་ཤིག་དང་།།
ལ་མོའི་རྒྱབ་ནས་བུད་རེ་རན།།
གམ་གྱི་སྐྲ་ལོ་འབལ་ཤོག་དང་།།
སང་གི་འཇའ་མཚོན་ཡིན་རེ་ཆེ།།
ཞོགས་ཀྱི་རྒྱལ་སྒོ་ཕྱེས་ཤིག་དང་།།
འཁར་རྒྱུག་ཅན་ཡང་ཐོན་ལ་ཉེ།།
སྦུབས་ཀྱི་ས་ནག་སློགས་ཤོག་དང་།།
བྲང་དང་མགོ་རུས་བོར་ནས་ཡོང་།།
2019
No comments:
Post a Comment