Tuesday, November 19, 2019

{མཐོང་སྒང་གི་མ་ཡུམ།}






















མཐོང་སྒང་གི་མ་ཡུམ།


ཁ་བ་བུ་ཡུག་འཐབ་པའི་རི་སྒང་ན།།

མཁུར་མགོ་འཁྱག་ལ་འབྱར་བའི་སྐྱེས་མ་དེའི།།

སྐྲ་ལོ་ལྷགས་པས་འདེད་པའི་གྲིབ་གཟུགས་དེ།།

ལོ་ཟླ་འཕྲེད་ཀྱི་བཅད་པའི་རྨི་ལམ་ཡིན།།



གཉེར་རིས་ཐགས་སུ་བཀྲ་བའི་ངོ་གདོང་ལ།།

ལག་པ་རྡོ་བར་བཤོས་པའི་ཟུག་གཟེར་དེ།།

ཙག་དང་སྐྱི་བསེར་འཐབས་པའི་མེ་ལོང་ནང་།།

དོ་ནུབ་མེ་ཁ་དྲོ་བའི་གཏམ་རྒྱུད་རེད།།



ནུབ་ཁའི་ཉི་གཞུག་འདེད་པའི་འཕྲེང་སེམས་ལ།།

རི་ལུང་ཕྲེང་བ་བསྒྲིགས་པའི་ཕ་རོལ་ནས།།

སེམས་ཀྱིས་འཚོས་པའི་ཁོ་བོ་བུད་རེ་རན།།

དགོང་ཁའི་མཚམས་སྤྲིན་དལ་ཅིག་སྡོད་རེ་ཨང་།།

2019

རྒྱལ་བ་ལྷ་ལས་བབས་པའི་མ་ཡུམ་གྱི་དུས་ཆེན་ལ། བདག་གི་མ་ཡུམ་དྲན་ཡུལ་དུ་འཁོར་ཙམ་ཉིད་ནས། མཚན་དགུང་ཆུ་ཚོད་ ༡༢ ཐོག་ཡི་གེར་འདུ་བྱས་པའོ།།









No comments:

Post a Comment