བརྡ་སྤྲོད་ལ་བསྟོད་པ་ཡིག་ནོར་མ།
གློན་པོ་ཐོན་མིའི་དངུལ་ནག་གཞུར་བ་ལས།།
ཁ་བ་གངས་ཅན་གླན་པར་བྱས་པའི་མོད།།
རྐད་དང་ཡི་གེའི་ལོ་བརྒྱུས་དབུ་མཁྱུད་ཏེ།།
སུམ་བཏགས་གཉིས་ཞེས་དགངས་རིའི་ཉི་འདའ་བཟུང་།།
དྲ་གཅིག་ན་ཡང་བདག་ཆ་མཐའ་དད་པའི།།
མི་དང་སྦྱ་བའི་ཚིག་སྣམས་མ་འགྲེས་པར།།
བསལ་ལེར་གཏོན་མཛད་ལི་གུར་[1]ངག་བྲོན་སོགས།།
ཚིག་གི་ཕྲུལ་བ་སྤྱོད་པ་དམའ་བའི་གྱེན།།
བཤུལ་གཞག་མེས་པོའི་བསྐ་བརྟན་དངལ་དུ་དྲུམ།།
ལེགས་ཆའི་རིག་སྣས་ནང་འབྲེན་གོས་སུ་བསླུབས།།
ཆོས་སྲིད་དར་དགུད་མཁྲེང་བ་སྒུ་འདུད་ཅན།
འཁུར་འགོ་དམར་རྨུག་ཅན་པའི་སྲོག་ཤིང་ཡིན།།
ནོར་བཅོས།
བློན་པོ་ཐོན་མིའི་རྔུལ་ནག་བཞུར་བ་ལས།།
ཁ་བ་གངས་ཅན་བརླན་པར་བྱས་པའི་མོད།།
སྐད་དང་ཡི་གེའི་ལོ་རྒྱུས་དབྱུ་ཁྱུད་ཏེ།།
སུམ་རྟགས་གཉིས་ཞེས་གངས་རིའི་ཉི་ཟླ་ཟུང་།།
སྒྲ་གཅིག་ན་ཡང་དག་ཆ་ཐ་དད་པའི།།
མི་དང་བྱ་བའི་ཚིག་རྣམས་མ་འདྲེས་པར།།
གསལ་ལེར་སྟོན་མཛད་ལི་གུར་[2]ངག་སྒྲོན་སོགས།།
ཚིག་གི་འཁྲུལ་བ་གཅོད་པ་སྨྲ་བའི་རྒྱན།
ཤུལ་བཞག་མེས་པོའི་བཀའ་བསྟན་མངལ་དུ་སྦྲུམ།།
ལེགས་ཆའི་རིག་གནས་ནང་འདྲེན་གོས་སུ་བཀླུབས།།
ཆོས་སྲིད་དར་རྒུད་ཕྲེང་བ་དགུ་མདུད་ཅན།
མཁུར་མགོ་དམར་སྨུག་ཅན་པའི་སྲོག་ཤིང་ཡིན།།
2/16/2019
No comments:
Post a Comment