ང་དང་། ངའི་སང་ཉིན།
ཚོར་བ་དེ་དབྲོལ་ཤོག་དང་ཁྲག་ཐིགས་ཤིག་ཡོད་སྲིད།།
ཐལ་རྡུལ་འདི་འཕྱོར་ཤོག་དང་སྣང་ཁམས་སུ་ཐིམ་སྲིད།།
སྔས་མགོ་དེ་གཡུགས་ཤོག་དང་མལ་ས་རེ་བདེ་སྲིད།།
སང་ཉིན་དེ་ལོང་ཤོག་དང་མིག་ཆུ་རུ་འཛུམ་སྲིད།།
ངའི་ཁྲབ་སྟོན་ལ་སང་ཉིན་མེད།
དོ་དགོང་གི་ཟླ་འོད་ལ་ཅེར་ཡོད།།
མུན་ནག་གི་མཛེས་པ་ལ་བསྙེས་ཡོད།།
ལྷིང་འཇགས་ཀྱི་སྲང་ལམ་དེ་བཏུས་ཡོད།།
དོ་ནུབ་ཀྱི་ཁྲབ་སྟོན་དེ་འཇིག་འགྲོ།།
གར་སྟེགས་ཀྱི་མིག་ཆུ་དེ་ལྷུང་སྲིད།།
ས་སྲོད་ཀྱི་ལྷགས་རླུང་དེ་འགམ་སྲིད།།
མཆོད་སྟེགས་ཀྱི་མར་མེ་དེ་ཟིམ་སྲིད།།
མཚན་མོ་འདིའི་སྐེ་ཐག་དེ་དཔྱངས་འགྲོ།།
20/4/2019
No comments:
Post a Comment