Saturday, May 11, 2019

སྙན་ངག་ཡག་པོ་ཞིག་ཇི་ལྟར་བྱས་ནས་འཁྱོངས་ཐུབ་བམ།














སྙན་ངག་ཡག་པོ་ཞིག་ཇི་ལྟར་བྱས་ནས་འཁྱོངས་ཐུབ་བམ།


ཐོག་མར་བཤད་འདོད་པ།

ཕྱིར་འདང་ཞིག་བརྒྱབས་ན། སྙན་ངག་ཟེར་བའི་སྒྱུ་རྩལ་གྱི་ཁམས་དེར་འཛུལ་ནས་མི་ལོ་དྲུག་བདུན་འདས་ཟིན་ཅིང་། ལོ་ངོ་དེ་དག་གི་རིང་སྙན་ངག་ཏུ་རློམ་པའི་ཚིག་རིས་མང་པོ་ཞིག་བྲིས་མྱོང་། ད་གཟོད་ཤོག་ངོས་དང་གློག་ཀླད་གང་རུང་ངོས་སུ་ཕབ་པའི་གྲངས་ནི་བརྒྱ་ཕྲག་ལས་བརྒལ་ཟིན་འདུག།
དེས་ན་ཐེངས་འདིར་གང་ཤོད་འདོད་པ་ནི་ལོ་ངོ་དེ་དག་གི་རིང་སྙན་ངག་འབྲི་ཀློག་གི་བརྒྱུད་རིམ་རིང་མོ་དེའི་ནང་ནས་མྱོང་བ་ཅི་ཞིག་ཐོབ་སོང་བ་དེ་ལག་ལེན་དངོས་ཀྱི་སྟེང་ནས་ཤོད་འདོད་པ་དེ་ཡིན།
མ་གཞི་ཁོ་བོ་ལ་མཚོན་ན་མི་མང་པོ་ཞིག་གིས་སྐད་ཆ་བྲིས་མྱོང་། སྙན་ངག་ཡག་པོ་ཞིག་ཇི་ལྟར་བྱས་ནས་འཁྱོངས་ཐུབ་བམ། ཁྱོད་རང་གིས་སྙན་ངག་ག་འདྲ་བྱས་ནས་སྦྱངས་པ་ཡིན། དུས་དེབ་ཅིག་གི་ནང་ཚུད་པར་བྱེད་པ་ལ་སྙན་ངག་ག་འདྲ་ཞིག་དགོས་སམ། ངས་དེ་སྔོན་དུས་དེབ་མང་པོ་ཞིག་ལ་སྙན་ངག་བསྐུར་བ་ཡིན་ནའང་གཅིག་ཀྱང་ཚུད་ཀྱི་མི་འདུག་ག་རེ་ཡིན་ནམ།
དེས་ན་གོང་ཞུས་བཞིན་དྲི་བ་དེ་དག་ལ་ངས་ལན་གྱི་ཚུལ་དུ། སྙན་ངག་གི་མཚན་ཉིད་འདི་འདྲ་ཚང་བ་དགོས་རེད་ཅེས་པའི་མཚན་ཉིད་བཞག་རྒྱུ་མེད་པ་རེད། རྒྱུ་མཚན་ནི་སྒྱུ་རྩལ་ནི་རྟོག་པའི་འཕྲོ་འདུ་ཡིན་ཞིང་། རྟོག་པའི་འཕྲོ་འདུ་ལ་མཐའ་མེད་པ་རེད། དེ་རིང་གི་སྙན་ངག་གི་མཚན་ཉིད་དེ་སང་ཉིན་འཇིག་འགྲོ་བ་ཡིན་ལ། སང་ཉིན་གྱི་སྙན་ངག་གི་མཚན་ཉིད་དེ་གནངས་ཉིན་འཇིག་འགྲོ་བས་སོ།།
དེར་བརྟེན་སྐབས་འདིར་ངས་རྩོམ་རིག་གཞུང་ལུགས་ཀྱི་བརྡ་དང་ཐ་སྙད་ཀྱིས་མ་བཅིངས་པར་གང་གོ་བདེ་བདེའི་ངང་ནས་སྐད་ཆ་ཚིག་འགའ་བཤད་རྒྱུ་ཡིན།

ཁྱོད་རང་གིས་འདི་ལྟར་དྲན་གྱི་རེད།

མི་ཞིག་ལ་ཐོག་མ་ཉིད་ནས་སྙན་ངག་འབྲི་ཤེས་འདོད་ཀྱི་འདུན་པ་ཕལ་ཆེར་མེད་པ་རེད། འོན་ཀྱང་མི་ཞིག་སློབ་གླིང་དང་སྤྱི་ཚོགས་གང་རུང་ཞིག་ལ་འགྲིམ་འགོ་ཚུགས་དུས། སློབ་གྲོགས་དང་ལས་གྲོགས་མང་པོ་ཞིག་གི་མཉམ་དུ་གཤིབ་དགོས་ཐུག་གི་ཡོད། དེའི་འདྲའི་འཁོར་ཡུག་ཅིག་ཁྲོད་ནས་སྟབས་ལེགས་ན་སྙན་ངག་འབྲི་མཁན་ཁ་ཤས་མཐོང་འོང་ཞིང་། ཁྱོད་ཀྱིས་ཁོང་ཚོར་ཡིད་སྨོན་སྐྱེ་ཡི་རེད། སེམས་ལའང་འདིར་ལྟར་དྲན་གྱི་རེད། ཨ་ཙི་ང་ཡང་ཁོ་ལྟ་བུའི་སྙན་ངག་ཅིག་འབྲི་ཤེས་ན་ཅི་མ་རུང་སེམས་ཀྱི་རེད།
ཡང་ཕྱོགས་གཞན་ཞིག་ནས་བསམས་ན། ཁྱོད་རང་གི་ཁྱིམ་མིའམ་གཉེན་ཉེ་སོགས་གང་རུང་ཞིག་སྙན་ངག་འབྲི་ཀློག་བྱེད་པ་མཐོང་ནས་དེའི་ཤུགས་རྐྱེན་གྱིས་ཁྱོད་ལའང་གོང་ལྟར་གྱི་ཚོར་སྣང་འབྱུང་གི་རེད།
སྐབས་དེ་དུས་ཁྱོད་ཀྱི་སེམས་ལ་ཡང་སྙིང་སྙན་ངག་ཅེས་པ་ནི་ཇི་ལྟར་ཡིན་ནམ་སྙམ་གྱི་རེད་ལ། དེའི་ཆེད་དུ་དགའ་སྤྲོ་ཆེན་པོས་སྙན་ངག་དཔེ་དེབ་འཚོལ་བ་དང་། གཞན་གྱིས་བྲིས་ཟིན་པའི་སྙན་ངག་སྟེ་དཔེ་དེབ་དང་དྲ་ཐོག་སོགས་མང་པོ་ཞིག་ནས་མཐོང་འོང་གི་རེད།
མ་གཞི་ནས་སྙན་ངག་དཔེ་དེབ་དང་དྲ་ཐོག་སོགས་སུ་དེ་སྔོན་ནས་སྙན་ངག་མང་པོ་ཞིག་མི་ཚོས་སྤེལ་ནས་ཡོད་ནའང་ཁྱོད་ཀྱིས་མཐོང་མེད་པ་རེད། རྒྱུ་མཚན་ནི་ཁྱོད་དེ་ལ་དོ་སྣང་དང་སྤྲོ་སྣང་ཡ་མཚན་སོགས་ཅི་ཡང་མེད་པས་ལན་པ་རེད། འོན་ཀྱང་ད་ནི་ཁྱོད་ལ་དེ་དག་མཐོང་བྱེད་ཀྱི་མིག་གསུམ་པ་ཞིག་ཡོད་སོང་བ་རེད། མ་ཟད་ཁྱོད་ཀྱིས་སྙན་ངག་དང་འབྲེལ་བའི་གནས་ཚུལ་དང་ཅ་དངོས་མང་པོ་ཞིག་ལ་དོ་སྣང་འབྱུང་གི་རེད།

ཁྱོད་ཀྱིས་འདི་ལྟར་བྱེད་ཀྱི་རེད།

ཁྱོད་ལ་སྙན་ངག་འབྲི་འདོད་ཀྱི་བསམ་བློ་ཞིག་བཟློག་ཏུ་མེད་པ་འབྱུང་གི་རེད་ལ། གལ་ཏེ་གཡས་གཡོན་དེ་ཚོར་ནམ་རྒྱུན་སྙན་ངག་འབྲི་མཁན་དེ་འདྲ་ཡོད་ན། ཁོང་ཚོར་ཡིད་སྨོན་འཆོར་ཞིང་། ཁོང་ཚོའི་བགམ་དུ་བཅར་ནས་སྙན་ངག་གི་དཔེ་དེབ་ཅིག་རག་ཐབས་སམ། སྙན་ངག་འབྲི་སྟངས་སྐོར་ལ་ལམ་སྟོན་ཞིག་ཀྱང་ཞུ་སྲིད་པ་རེད། སྟབས་ལེགས་ན་ཁྱོད་ལ་སྙན་ངག་སྦྱོང་བརྡར་གྱི་དཔེ་ཁྲིད་ཅིག་ཐོབ་ན་སྙམ་གྱི་རེད་ལ། དེ་ལྟར་ཐོབ་ནས་དཔེ་ཁྲིད་ཞུ་རུ་ཡང་འགྲོ་སྲིད་པ་རེད།
ཁྱོད་ཀྱིས་དཔེ་དེབ་ནང་གི་སྙན་ངག་མང་པོ་ཞིག་བཀླགས་ནས་དེ་ཚོར་ལད་ཟློས་ཀྱིས་ཤོ་ལོ་ཀ་གཅིག་གཉིས་ལྷུ་སྒྲིག་གི་ལས་ལ་འབད་རྩོན་བྱེད་ཀྱི་རེད། དང་ཐོག་བསྟོད་པ་ལྟ་བུ་གཅིག་འབྲི་འགོ་བཙུགས་དུས་ཤོ་ལོ་ཀ་གཅིག་བྲིས་པ་དང་བརྗོད་བྱ་རྦད་དེ་རྫོགས་ཚར་བ་རེད། དེའི་རྗེས་སུ་ཁྱོད་ཀྱི་ཡང་བསྐྱར་ཤོ་ལོ་ཀ་གཉིས་པ་ཞིག་འབྲི་བའི་དབང་དུ་བཏང་ན་བཙན་ཚུགས་དང་ཨུ་ཚུགས་ཀྱིས་བཙིར་ནས་ཚིག་རྐང་ཁ་ཤས་སྒྲིག་ཨེ་ཐུབ་ལ་འབད་རྩོན་བྱེད་ཀྱི་རེད།
དེ་ལྟར་ཁྱོད་ཀྱིས་ཤོ་ལོ་ཀ་གཉིས་ཙམ་བྲིས་ཚར་རྗེས་སོ་སོས་སོ་སོར་ཡིད་ཚིམས་ཐག་ཆོད་ཡོང་གི་རེད་ལ། རང་གིས་བྲིས་ཟིན་པ་དེར་ཡང་ཡང་ལྟ་འདོད་འབྱུང་གི་རེད།

ཁྱོད་ཀྱིས་འདི་ནས་འགོ་རྩོམ་གྱི་རེད།

སྙན་ངག་ལ་སྦྱོང་བརྡར་བྱེད་མཁན་ལས་དང་པོ་པ་ཞིག་གི་ངོས་ནས་བསམས་ན། ཁྱོད་ཀྱིས་དཔེ་དེབ་ནང་གི་སྙན་ངག་གང་མང་ཞིག་བཀླགས་ནས། ནམ་ཞིག་ན་རང་གིས་ཀྱང་དེ་ལྟར་ཞིག་འབྲི་ཐུབ་མིན་ལ་འབད་རྩོན་བྱེད་ཅིང་། འབྲི་བའི་བརྒྱུད་རིམ་ནང་དུའང་གཞན་གྱིས་བྲིས་པའི་སྙན་ངག་ལ་ལད་ཟློས་བྱས་ནས་བརྡ་དང་ཐ་སྙད་མང་པོ་ཞིག་གཞན་གྱི་སྙན་ངག་ནས་་བཤུས་ཡོང་གི་རེད། སྐབས་རེར་བརྡ་དང་ཐ་སྙད་དེ་ཚོ་བེད་སྤྱོད་གཏོང་སྟངས་མ་ཤེས་ནས་ར་མགོ་ལུག་སྦྱར་གྱི་སྣང་ཚུལ་ཡང་འབྱུང་གི་རེད།
ཁྱོད་ཀྱིས་ཐོག་མར་སྙན་ངག་འབྲི་སྐབས་ཀྱང་བརྗོད་བྱ་འདི་འདྲ་འདམ་གྱི་རེད། ཨ་མ་དྲན་པ། ཕ་ཡུལ་དྲན་པ། དགེ་རྒན་སོགས་ལ་བསྟོད་པ། བླ་མ་སོགས་ལ་བསྟོད་པ། ལས་དང་པོ་པ་ཞིག་གི་ངོས་ནས་ཐོག་མར་བརྗོད་བྱ་དེ་འདྲ་ཞིག་བདམས་ནས་སྙན་ངག་འབྲི་རྒྱུར་འབད་རྩོན་བྱེད་པ་ནི་སྤྱིར་བཏང་གི་སྣང་ཚུལ་ཞིག་ཡིན།
སྐབས་དེ་དག་ཏུ་ཁྱོད་ལ་སྙན་ངག་འབྲི་ཐུབ་པའི་བསམ་བློ་རང་རྐྱ་འཕེེེར་བ་ཞིག་མེད་སྟབས། སྙན་ངག་གི་བརྗོད་བྱ་དང་བརྡ་དང་ཐ་སྙད་མང་པོ་ཞིག་གཅིག་པ་གཅིག་པ་འདྲ་བོ་ཡོང་གི་རེད་ལ། གཞན་གྱི་སྙན་ངག་གིས་ཤུགས་རྐྱེན་ཐེབས་ནས་འབྲི་སྟངས་དང་། བརྡ་དང་སྙད་མང་པོ་ཞིག་མི་གཞན་གྱི་སྙན་ངག་དང་གཅིག་མཚུངས་འདྲ་བོ་ཆགས་ཡོང་གི་རེད།

ཁྱོད་ཀྱི་སྙན་ངག་ནར་མ་སོན་པའི་སྐབས་རེད།

ད་ནི་ཁྱོད་ཀྱིས་སྙན་ངག་འབྲི་ཀློག་བྱ་རྒྱུར་འགོ་བཙུགས་ཟིན་པས། ཁྱོད་ཀྱིས་དགའ་སྤྲོ་ཆེན་པོའི་ངང་ནས་ཉིན་རེའི་འཚོ་བའི་ནང་སྙན་ངག་མང་པོ་ཞིག་འབྲི་འགོ་བཙུགས་ཡོང་གི་རེད།
འོན་ཀྱང་སྐབས་དེའི་ཁྱོད་ཀྱི་སྙན་ངག་ནི་ནར་མ་སོན་པ་ཞིག་ཡིན་ཟེར་ཆོག་པ་རེད། གལ་ཏེ་ཁྱོད་ཀྱིས་ཚིགས་བཅད་ཀྱི་ལམ་ནས་བསྟོད་པ་ཞིག་འབྲི་བའི་དབང་དུ་བཏང་ན།

སྐུ་ནི་མི་འགྱུར་རྡོ་རྗེའི་སྐུ།།
གསུང་ནི་མི་འགག་ཚངས་པའི་དབྱངས།།
ཐུགས་ནི་མི་གཡོ་ལྷུན་པོའི་རི།།

དེ་འདྲའི་སྐུ་གསུང་ཐུགས་ལྟ་བུའི་ཚིག་ཁེན་སའི་ཚིག་ཁ་ཤས་མེད་ན་འགོ་གང་ནས་འཛུགས་དགོས་མིན་དང་། ཇི་ལྟར་བྱས་ནས་འབྲི་དགོས་མིན་ཤེས་ཀྱི་མ་རེད། དེ་འདྲ་ཡིན་དུས་དང་ཐོག་ཉིད་ནས་སྐུ་གསུང་ཐུགས་གསུམ། ཕྱི་ནང་གསང་གསུམ་ལྟ་བུའི་ཚིག་ཁེན་ས་ཁ་ཤས་ཡོད་སོང་ན་གཞི་ནས་ཁྱོད་ཀྱིས་འགོ་རྩོམ་ཐུབ་ཀྱི་རེད། སྣང་ཚུལ་དེ་འདྲའི་དབང་གིས་ཁྱོད་ཀྱིས་ཆེས་ཐོག་མའི་དུས་སུ་སྙན་ངག་མང་པོ་ཞིག་དེ་འདྲའི་སྒྲིགས་གཞིས་བཅིངས་ཡོད་པ་རེད། ཡང་ཁྱོད་ཀྱིས་འཇམ་པའི་དབྱངས་ལ་བསྟོད་པ་ཞིག་འབྲི་བའི་བཏང་ནའང་། ཁོང་གི་ཕྱག་གི་རལ་གྲིས་མ་རིག་པའི་མུན་པ་སེལ་ཚུལ་ལྟ་བུ་སྟོད་ཡུལ་དེའི་སྣང་བརྙན་སྤྱི་ཚན་པའམ་ཁྱད་ཆོས་ཆེས་ཡོངས་གྲགས་དང་། སྤྱིར་བཏང་མི་ཚང་མས་འབྲི་བཞིན་པའི་འབྲི་སྟངས་དེ་ལས་ལྷག་པ་ཞིག་འབྲི་ཐུབ་ཀྱི་མ་རེད་ལ། སྐབས་དེ་དུས་ཁྱོད་ཀྱི་ཀླད་པའི་ནང་བརྡ་དང་ཐ་སྙད་འབོལ་བོ་ཞིག་མིན་ཞིང་། ཤོ་ལོ་ཀ་གཅིག་གི་ནང་ཚིག་བསྡུད་རྒྱག་སྟངས་དང་། ཕྲད་སྦྱོར་ཚུལ་སོགས་ལ་བྱང་ཆ་མེད་སྟབས། ཨུ་ཚུགས་བཙན་སྒྲིག་དང་། བཀླགས་ནའང་ཆེ་ཆུང་མི་སྙོམ་པའི་རྡོ་རིལ་མང་པོ་བསྒྲིགས་ནས་བཞག་པ་དང་གཅིག་མཚུངས་ཡོང་གི་རེད།
ཡང་ཁྱོད་ཀྱིས་རྐང་པ་མི་སྙོམས་པའི་རང་མོས་སྙན་ངག་ཅིག་འབྲི་བའི་དབང་དུ་བཏང་ནའང་། འདི་ལྟར་འབྲི་སྲིད་དེ།

ཀྱེ་མ།
དུང་ཟླ་ཡ་དུང་ཟླ།
ཁྱེད་ནི་འཇིག་རྟེན་གྱི་མགོན་པོ་ཡིན།
ཁྱེད་མེད་འཇིག་རྟེན་གྱི་མུན་པ་སུ་ཡིས་སེལ།

ཞེས་དེ་འདྲའི་ལྷུག་རྩོམ་ལྟ་བུ་ཞིག་ལས་རང་མོས་སྙན་ངག་ཅིག་ལ་ཚང་འོས་པའི་ཁྱད་ཆོས་མེད་པ་རེད།  དེས་ན་སྐབས་དེ་དུས་ཁྱོད་ཀྱི་སྙན་ངག་ག་འདྲ་མ་ཞིག་བྲིས་ནའང་བརྗོད་བྱ་དེའི་ཁྱད་ཆོས་འབྲི་སྐབས་སྤྱིར་བཏང་བའམ། ནམ་རྒྱུན་ཡོངས་གྲགས་སུ་མི་ཚོས་འབྲི་སྟངས་དང་གཅིག་མཚུངས་སུ་ཡོང་བ་ལས། འབྲི་སྟངས་དམིགས་བསལ་བ་ཞིག་དང་བརྗོད་བྱའི་དེའི་ཁྱད་ཆོས་དམིགས་བསལ་ཞིག་མཚོན་པའི་སྒོ་ནས་འབྲི་ཐུབ་ཀྱི་མེད་པ་རེད། 

ཁྱོད་ཀྱི་སྙན་ངག་འདི་ལྟར་ནར་སོན་པར་གྱིས་ཤིག

ཁྱོད་ཀྱིས་དེ་སྔོན་རྐང་པ་ཚིགས་བཅད་མ་དང་རང་མོས་སུ་བྱས་པའི་སྙན་ངག་མང་པོ་ཞིག་བྲིས་ཟིན་པ་རེད། འོན་ཀྱང་དེ་དག་ནི་ཚིགས་སུ་བཅད་པ་ཙམ་མ་གཏོགས་སྙན་ངག་གི་བརྗོད་བྱ་དེའི་དོན་མཚོན་སྟངས་ལ་ཐབས་ཤེས་དམིགས་བསལ་བ་ཞིག་དང་། བརྡ་དང་ཐ་སྙད་ལ་ཞུན་ཐར་ཆོད་པ་ཞིག་བྱུང་མེད་པ་རེད།
དེས་ན་ཁྱོད་ཀྱིས་གཤམ་གྱི་དོན་ཚན་འདི་དག་ལ་མཉམ་པར་ཞོག་དང་། ཁྱོད་ཀྱི་སྙན་ངག་ལ་བརྗོད་དོན་མཚོན་སྟངས་ཐད་ནས་ཐབས་ཤེས་དམིགས་བསལ་བ་ཞིག་དང་། ཚིག་གི་ཞུན་ཐར་ཆོད་པ།  སྙན་ངག་ལ་རང་གཤིས་ཚུབས་ཐུབ་ཅན་ཞིག  ཆེས་ཚད་མཐོ་བའི་སྙན་ངག་ཅིག། སྙན་ངག་རྩེ་ཕུད་ཅིག་འཁྱོངས་ཐུབ་ཀྱི་རེད།

༡༽ ཆེས་ཕུལ་བྱུང་གི་སྙན་ངག་དཔེ་དེབ་ཀློག་དགོས།

གལ་ཏེ་ཁྱོད་ཀྱིས་ཆེས་ཕུལ་ཏུ་བྱུང་བའི་སྙན་ངག་དཔེ་དེབ་ཅིག་བཀླགས་ན། དེའི་ནང་ནས་ཁྱོད་ལ་ཟད་མི་ཤེས་པའི་སྤྲོ་བ་ཞིག་འབྱིན་གྱི་རེད། ཚིག་དོན་གང་གི་ཐད་ནས་ཀྱང་སྤྲོ་བ་ཞིག་འབྱིན་གྱི་རེད། སྙན་ངག་དེའི་འབྲི་སྟངས་དང་། བརྡ་དང་ཐ་སྙད་མང་པོ་ཞིག་བློ་ངོར་འཇགས་སྲིད་པ་རེད། རྒྱུ་མཚན་ནི་ཁྱོད་ཀྱི་སེམས་ལ་འབབ་པོ་ཞིག་ཆགས་ཟིན་པ་རེད། དེས་ཁྱོད་ལ་ཤུགས་རྐྱེན་ཡང་མི་ཉུང་བ་ཞིག་ཐེབས་ཡོང་གི་རེད། ཤུགས་རྐྱེན་དེ་ནི་བཟང་ཕྱོགས་ཤིག་དང་ལེགས་ཆ་ཞིག་ཡིན་སྟབས་དང་ལེན་བྱེད་འོས་པ་ཞིག་རེད།
དཔེར་ན་ཁྱོད་ཀྱིས་ཞང་ཞུང་ཆོས་དབང་གྲགས་པའི་ར་མ་ཎའི་རྟོགས་བརྗོད་བཀླགས་མྱོང་ངམ། གཞོན་ནུ་དྲུག་གི་རྟོགས་བརྗོད་བཀླགས་མྱོང་ངམ། སྙན་ངག་གི་བསྟན་བཅོས་དེ་དག་གི་ཚིག་རྒྱན་གྱི་སྤྲོས་པ་བྱེད་སྟངས་ཧ་ཅང་གིས་གཏིང་ཟབ་མོ་ཞིག་དང་། ཆེས་ངོ་མཚར་ཅན། ཆེས་ཕུལ་ཏུ་བྱུང་བ། སྲིད་ན་མངོན་པར་འབྱུང་དཀའ་བ་རེད།
ཡང་ཁྱོད་ཀྱིས་ར་བཱིནྡྲ་ནཱ་ཐ། ཋཱ་ཀུར་གྱིས་མེ་ཏོག་ཕྲེང་རྒྱུད་བཀླགས་མྱོང་ངམ། དཔེ་དེབ་དེའི་ནང་གི་སྙན་ངག་འབྲི་སྟངས་དང་། བརྡ་དང་ཐ་སྙད་བེད་སྤྱོད་བྱེད་ཚུལ་ཐད་ནས་ཐབས་རྩལ་སྨད་དུ་བྱུང་བ་རེད། སྙན་ངག་དེ་དག་རིམ་གྱིས་བཀླགས་ཡོང་སྐབས། ཁྱོད་རང་ཆར་རྗེས་ཀྱི་འཇའ་མཚོན་ཁྲོད་དུ་རྒྱུ་བའམ། ཆེས་བསིལ་ཞིང་དྭངས་པའི་ཟླ་འོད་ཁྲོད་དུ་གནས་པ་དང་གཅིག་མཚུངས་ཡོང་གི་རེད།
ཁྱོད་ཀྱིས་དེ་འདྲའི་ཕུལ་ཏུ་བྱུང་བའི་སྙན་ངག་མང་པོ་བཀླགས་ན། དེ་དག་གིས་ལེགས་ཕྱོགས་ནས་དང་། བཟང་ཕྱོགས་ནས་བག་ཆགས་བཞག་ཡོང་གི་རེད། དེ་ནི་དང་དུ་ལེན་འོས་པ་རེད། ཤུགས་རྐྱེན་དེ་དག་གིས་ཁྱོད་རང་གི་སྙན་ངག་ཀྱང་ལེགས་ལམ་དུ་སྐྱེལ་གྱི་རེད།  
དེས་ན་ཆེས་ཕུལ་བྱུང་གི་སྙང་ངག་དཔེ་དེབ་མང་པོ་ཀློག་ཐུབ་པ་བྱེད་དགོས་པ་ནི་གལ་ཆེན་ཞིག་གོ།

༢༽ བརྡ་དང་ཐ་སྙད་ལ་མཉམ་འཇོག་དགོས།
༣༽ རྟོག་པའི་འཕྲོ་འདུ་ཟབ་དགོས།
༤༽ རང་བྱུང་ཁམས་ལ་མྱོང་རོལ་བྱེད་དགོས།
༥༽ སྣང་བ་ལྷོད་དགོས།
༦༽ རོལ་དབྱངས་ལ་སེམས་པ་གཏོད་དགོས།


ཕུལ་བྱུང་གི་སྙན་ངག་འདི་འདྲ་ཡིན་དགོས།

༡ སྒྲིབ་ཡོལ་རྒྱབ་ཀྱི་གཟུགས་རིས་ཡིན་དགོས།
༢ སྙན་ངག་གཅིག་ལ་གོ་བ་རྒྱ།


མཇུག་གི་སྐད་ཆ་ཚིག་གསུམ།

མུ་འགོད་བྱ་རྒྱུ་ཡིན། སྤེལ་ཐེངས་རྗེས་མར་གཟིགས།

No comments:

Post a Comment