སྒེའུ་ཁུང་གི་ཕ་རོལ་ན།
འཆིང་བའི་དྲ་མིག་ཅན་དེ་སྒེའུ་ཁུང་རེད།།
ནང་གི་དོན་སྙིང་སྔོགས་དང་དགོད་རེ་དྲོ།།
ཕྲ་ཐིག་ཕབ་པའི་རྒྱ་ལམ་ཚང་ཁ་ཡིན།།
རས་གཟན་ཁ་དོག་ཡལ་མིན་རང་ལ་དྲིས།།
རྐང་པ་ཡ་གཅིག་མཆོད་སྟེགས་ཐོགས་ནས་འདུག།།
ལྷམ་གྱི་ཨ་བྲད་གཏོག་པ་རང་མལ་ཞིག།།
མགོ་བོའི་སྤྱི་ཐེར་ལྡོག་འོད་འཕྲོ་སྟངས་ཀྱང་།།
ལག་གཡུག་མིན་པའི་ཕྱིར་བལྟས་དང་མ་དེ།།
སྨིན་མ་ལྷོད་ཀྱིས་བསྐྱིལ་བའི་གཟི་མ་ཞིག།།
ས་རུ་ལྷུང་བའི་སྐྲ་ཡི་ཉག་མ་ཡང་།།
ནུབ་རླུང་ནང་དུ་བསྡུད་པའི་བཟི་ཁ་དེ།།
དོ་དགོང་རྨི་ལམ་དྲོ་བའི་ལྔ་བལྟས་ཡིན།།
རྣ་བ་མི་འགེབས་རོལ་དབྱངས་མཆེད་དེ་འོང་།།
སེམས་ཀྱི་གཏུབ་གྲི་ངར་མ་ཆོད་རེ་ཆེ།།
མཚན་མོའི་མེ་དཔུང་དྲོ་བའི་གཏམ་རྒྱུད་ཀྱང་།།
No comments:
Post a Comment