ཚད་མའི་རིགས་པ་དང་། སྙན་ངག
ང་ཚོའི་ཉམས་མྱོང་ལྟར་ན། ཚིག་རྒྱན་རིག་པའི་ལུགས་སུ་བགྱིས་པའི་སྙན་ངག་རྣམས་ཕུད།
དེ་མིན་ཚོར་བ་གདུས་པའི་སྙན་ངག་མང་པོ་ཞིག་འབྲི་བར་བྱེད་པ་ལ་སེམས་ཚོར་དང་ཁོར་ཡུག་དམིགས་བསལ་བ་ཞིག་གི་གནས་བབ་འོག་ནས་མ་གཏོགས་འབྲི་མི་ཐུབ་པའི་རྒྱུ་མཚན་ཅིའི་ཕྱིར་ཡིན་ནམ།
ཁྱོད་ཀྱིས་འདིའི་སྐོར་ལ་བསམ་བློ་བཏང་མྱོང་ངམ།
ཚོར་བ་གདུས་པའི་སྙན་ངག་ནི་མི་ཞིག་གི་མ་བཅོས་པའི་སེམས་ཀྱི་འཁུན་སྒྲ་ཡིན་ཞིང་།
དེ་ནི་མི་རང་ཉིད་ཀྱི་སེམས་ཁོངས་ནས་བརྡོལ་བ་ལས་གཞན་གྱི་ལད་ཟློས་མིན་ལ། ཨུ་ཚུགས་ཀྱང་མིན།
རྩ་ཁྲིམས་གང་ལའང་ལྟོས་མི་དགོས་པ་རེད།
འོན་ཀྱང་ཚད་མའི་རིགས་པ་ནི་དེ་ལྟ་མིན་པར་གཞན་གྱི་ལད་ཟློས་ཏེ།
གྲུབ་མཐའི་རྩ་ཁྲིམས་དེའི་རྗེས་སུ་ཨུ་ཚུགས་ཀྱིས་འགྲོ་རྒྱུ་ལས། མི་ཞིག་གི་མ་བཅོས་རང་བབ་ཀྱི་ཆ་གཏན་ནས་མིན།
དེས་ན་མི་ཞིག་གི་ངོས་ནས་བཤད་ན་ཚད་མའི་རིགས་པ་ནི་གྲུབ་མཐའི་བློས་ཕར་བཏགས་པའི་རྟོག་བཏགས་ཤིག་ཡིན་ཅིང་། སྙན་ངག་ནི་མི་ཞིག་གི་ནང་གི་སེམས་ཁོང་མ་བཅོས་ལྷུག་ལྷུག་ཏུ་ཕྱི་རུ་ལུད་པ་རེད།
ང་ཚོས་ལས་སླ་པོས་ཤེས་འོང་བ་ནི། ཚད་མའི་རིགས་པ་ནི་རྟོག་བཏགས་བཅོས་མ་དང་།
སྙན་ངག་ནི་མ་བཅོས་སེམས་ཀྱི་སྐད་ཆ་དངོས་མ་དེ་ཡིན་ཙང་། བཅོས་མ་དང་མ་བཅོས་པ་གཉིས་དུས་གཅིག་ཏུ་མངོན་གྱུར་དུ་གནས་ཐབས་མེད་པ་རེད།
No comments:
Post a Comment